པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་གློད་བཀྲོལ་དགོས་པའི་རེ་འབོད།
2024.05.28
༄༅།།ཐེངས་འདིའི་གནས་འདྲིའི་ལེ་ཚན་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་ཡབ་ཡུམ་སྐུ་འཁོར་རྣམས་རྒྱ་ནག་གཞུང་གིས་བཙན་འཁྲིད་ཞུས་ནས་འདི་ལོའི་ཕྱི་ཟླ་༥་ཚེས་༡༧་ཉིན་ལོ་ངོ་ཧྲིལ་པོ་༢༩་འཁོར་བའི་དུས་དྲན་ཉིན་དང་བསྟུན་ནས་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་དགོན་པའི་བླ་སྤྱི་ཡོངས་ཀྱིས་ཁོང་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད་གནང་བ་སོགས་ཀྱི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།