ཨ་རིའི་ནིའུ་ཡོག་མངའ་སྡེའི་མཐོ་སློབ་ཁག་གི་ནང་ཆབ་སྲིད་ཚོར་རྣོར་ཅན་གྱི་གནས་ཚུལ་རིགས་བཀག་སྡོམ་ཀྱིས་དྲྭ་རྒྱར་དམ་དྲག་བྱེད་ཀྱི་ཡོད་པར་ཉེས་འཛུགས་བྱས་འདུག

2024.11.22
ཨ་རིའི་ནིའུ་ཡོག་མངའ་སྡེའི་མཐོ་སློབ་ཁག་གི་ནང་ཆབ་སྲིད་ཚོར་རྣོར་ཅན་གྱི་གནས་ཚུལ་རིགས་བཀག་སྡོམ་ཀྱིས་དྲྭ་རྒྱར་དམ་དྲག་བྱེད་ཀྱི་ཡོད་པར་ཉེས་འཛུགས་བྱས་འདུག
Yahoo

ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་John Liu དང་འཐུས་མི་གཞན་གཉིས་ནས་ནེའུ་ཡོག་མངའ་སྡེའི་མཐོ་སློབ་ཁང་ལ་། རྒྱལ་སྤྱིའི་ཚད་ལྡན་གྱི་རྩོམ་ཡིག་དཔེ་སྐྲུན་ཁང་Springer Nature ཟེར་བར་ཨ་སྒོར་ས་ཡ་༢ དང་འབུམ་༧ སྤྲད་ནས་མཉམ་ལས་ཀྱི་གན་རྒྱ་བཞག་ཡོད་པ་དེར་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་ཞུས་འདུག  དཔེ་སྐྲུན་ཁང་གྲགས་ཅན་དེར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ནས་གསར་འགྱུར་རང་དབང་ལ་བཀག་སྡོམ་བྱེད་བཞིན་ཡོད་པའི་ཉེས་འཛུགས་ཕོག་ཡོད་པ་རེད་། གྲོས་ཚོགས་འཐུས་མི་John Liu ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ནས་ལན་འདེབས་བྱས་པའི་ནང་། དཔེ་སྐྲུན་ཁང་དེས་བོད་དོན་ཚུད་པའི་ཆབ་སྲིད་ཀྱི་ཚོར་རྣོར་ཅན་གྱི་གནས་ཚུལ་རིགས་བཀག་སྡོམ་་བྱེད་བཞིན་པའི་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་གསུངས་བྱུང་།

Springer Nature ཞེས་པའི་དཔེ་སྐྲུན་ཚོང་ལས་ཁང་དེས་རྒྱ་ནག་གཞུང་ལ་ཕོག་ཐུག་འགྲོ་བའི་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནས་ཚུལ་རིགས་ལྟ་ཀློག་བྱེད་དུ་མ་བཅུག་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་དེ་བཞིན་ཐེ་ཝན་གྱི་རྩོམ་པ་པོར་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ལ་སྐྱོན་བརྗོད་ཕོག་བཞིན་ཡོད་པ་རེད།

དེར་བརྟེན་ཨ་མི་རི་ཀའི་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིསམངའ་སྡེའི་མཐོ་སློབ་ཁང་བྱེད་སྟངས་དེས་ཤེས་ཡོན་གྱི་རང་དབང་ལ་གནོད་སྐྱོན་བཟོ་བ་དང་།  ལྷག་པར་དུ་ཨ་རིའི་ནིའུ་ཡོག་མངའ་སྡེའི་མཐོ་སློབ་ཁང་དུ་ཡིག་ཆར་ཕྱོགས་ལྷུང་མེད་པར་ལྟ་ཀློག་དང་བེད་སྤྱོད་བྱེད་པའི་རང་དབང་གི་ཐོབ་ཐང་ལ་ཉེན་ཁ་ཞིག་ཡིན་པས་སེམས་ཚབས་ཆེན་གནང་བཞིན་ཡོད་པ་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ། གཡུ་སྒྲོན

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎