ཚེ་སྒྲོན་ལགས་རྒྱ་མིའི་ཉེན་རྟོག་པའི་འཛིན་བཟུང་དོ་དམ་འོག་འདས་གྲོངས་སུ་ཕེབས་པའི་རྗེས་ཨ་རིའི་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར།
2024.02.06

ཐེངས་འདིའི་གནས་འདྲིའི་ལེ་ཚན་ནང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཚེ་སྒྲོན་ལགས་རྒྱ་མིའི་ཉེན་རྟོག་པའི་འཛིན་བཟུང་དོ་དམ་འོག་འདས་གྲོངས་སུ་ཕེབས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་གཙོས་པའི་ཨ་རིའི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་ཁོང་གི་ཕ་མ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་ཡོད་པའི་སྐོར། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག