སྲིད་སྐྱོང་མཆོག་གི་བྱང་ཨ་རིའི་འཚམས་གཟིགས།
2023.02.18
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་བྱང་ཨ་རིའི་ཁུལ་དུ་འཚམས་གཟིགས་སུ་ཕེབས་ཏེ་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བ་དང་བོད་མི་སྤྱི་མཐུན་ཚོགས་པ་ཁག་དང་བོད་མི་ན་གཞོན་ཚོ་ཐུགས་འཕྲད་གནང་བ་སོགས་ད་རེས་ཀྱི་འཚམས་གཟིགས་དེའི་དོན་སྙིང་སྐོར་གཡུ་སྒྲོན་ལགས་ཀྱིས་བོད་རིགས་འབྲེལ་མཐུད་པ་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།