རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་མེད་ཚུལ་གྱི་དྲིལ་བསྒྲགས་དང་སྤེལ་བཞིན་པར་གདོང་ལེན་དང་ཁ་གཏད་གྱི་ལས་འགུལ་སྤེལ་ཕྱོགས།

2022.02.05
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་མེད་ཚུལ་གྱི་དྲིལ་བསྒྲགས་དང་སྤེལ་བཞིན་པར་གདོང་ལེན་དང་ཁ་གཏད་གྱི་ལས་འགུལ་སྤེལ་ཕྱོགས། ཨའོས་ཊྲེ་ལི་ཡ་ནིའུ་ཁ་སལ་ནས་སིཌི་ནི་གྲོང་ཁྱེར་བར་ཉིན་གྲངས་ ༥ ཙམ་རིང་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་གནང་ཡོད་པ།
ཨའོས་ཊྲེ་ལི་ཡ་ནིའུ་ཁ་སལ་ས་གནས་བོད་རིགས་ཚོགས་པ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཐན་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་མེད་ཚུལ་དྲིལ་བསྒྲགས་དང་ཐབས་བྱུས་ལྡན་པའི་ཐོག་ནས་རྒྱ་ཁྱབ་སྤེལ་བཞིན་ཡོད་པར། གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། འདིར་གདོང་ལེན་དང་ཁ་གཏད་གྱི་ལས་འགུལ་སྤེལ་ཕྱོགས་ཐད། ཨའོས་ཊྲེ་ལི་ཡ་ནིའུ་ཁ་སལ་ནས་སིཌི་ནི་གྲོང་ཁྱེར་བར་ཉིན་གྲངས་ ༥ ཙམ་རིང་པེ་ཅིན་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་དགོན་པའི་དགེ་འདུན་པ་བག་བྲོ་ལགས་དང་ས་གནས་བོད་རིགས་ཚོགས་པའི་ལས་འགུལ་སྣེ་ཁྲིད་པ་མགུར་འབུམ་རྒྱལ་ལགས་བཅས་དང་ལྷན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎