འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ནང་དབྱར་དུས་ཚན་རིག་གི་དགེ་རྒན་འོས་སྦྱོང་གནང་བ།

ཟླ་བ་འདིའི་ཕྱི་ཚེས་༦་ནས་བདུན་ཕྲག་ལྔ་ཙམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ནང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་གདན་ས་གྲྭ་ཚང་ཁག་༡༠་དགེ་འདུན་པ་༦༠་ཙམ་ཞིག་ལ་དབྱར་དུས་ཚན་རིག་གི་དགེ་རྒན་འོས་སྦྱོང་གནང་བ་དང་ཕྱོགས་མཚུངས་བཙུན་དགོན་ཁག་༤་་ཡི་བཙུན་མ་་༡༤་བཅས་ལ་ཚན་རིག་གི་ལག་བསྟར་གྱི་ཟབ་སྦྱོང་གནང་བ་དང་བསྟུན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གི་གསུངས་ཡས་ལ་གདན་སའི་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་འཁྲིད་གནང་བ་བརྒྱུད་མ་འོངས་པ་ཚན་རིག་གི་ཐོག་ནས་ནང་པ་སངས་རྒྱས་པའི་བསྟན་པར་ནང་ཆོས་ནས་གསུང་པའི་ཡ་རབ་བཟང་སྤྱོད་ཀྱི་གོམས་གཤིས་གོང་འཕེལ་གྱི་འཛམ་གླིང་འདི་ཞི་བདེ་ཡོང་རྒྱུར་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཡིན་པ་གསུངས་བའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག