དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད།
2014.10.26

བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ།
༄༅༎བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་གསོལ་བ་བཏབ་པ་ལྟར་དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད་དབུ་འཛུགས་གནང་བ་དང་དེ་བཞིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་གཉིས་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎གསར་འགོད་པ་ཀུན་བཟང་བསྟན་འཛིན།