བླ་མའི་བཀའ་བཞིན་སྒྲུབ་པ་ལས་ལྷག་པ་གང་ཡང་མེད།
2017.01.10

༄༅། །བོད་ཀྱི་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གང་གནང་བ་དེ་ས་ཆ་གང་འདྲ་ཞིག་དང་དུས་ག་དུས་ཡིན་ནའང་མ་བརྗེད་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ལམ་སྟོན་གནང་འདུག དེའི་སྐོར་ང་ཚོའི་ཆེད་གཉེར་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།