༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་སེམས་བཟང་བྱེད་དགོས་པའི་བཀའ་སློབ།
2019.04.24
དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་གཞུང་ཞབས་ཟུར་པ་རྒྱལ་མཚན་ཆོས་ལྡན་ལགས་དགུང་གྲངས་༡༠༠ལ་ཕེབས་པའི་མཛད་སྒོ་ཞིག་དང་བསྟུན་ཚེ་དབང་བཀའ་དྲིན་བསྩལ་འདུག དེའི་སྐོར་ང་ཚོའི་ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་དུ་ཡོད་པའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།