ཁེ་ལི་ཕོར་ནི་ཡའི་ནང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ།

2021.07.17
ཁེ་ལི་ཕོར་ནི་ཡའི་ནང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ། ཨ་རིའི་ཁེ་ལི་ཕོར་ནི་ཡའི་རིཆ་མོནཌ་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་དབུ་འཛུགས་གནང་བའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ།
བསྟན་འཛིན་རང་གྲོལ།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡའི་རིཆ་མོནཌ་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ནས་དབུ་འཛུགས་གནང་བའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་མངའ་སྡེའི་རྒྱལ་ས་ (སེཀརེ་མེན་ཊོ་) Sacremento རུ་མངའ་སྡེའི་གྲོས་ཚོགས་སར་མཇུག་བསྒྲིལ་གནང་ཞིང་། གོམ་བགྲོད་མཇུག་བསྡོམས་ཀྱི་སྐབས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་  (ཨེནྠོ་ནི་ རེནྜོན་) Anthony Rendon ལགས་དང་འཐུས་མི་ (ཨེཤ་ཀལ་རཱ་) Ash Kalra བཅས་དང་ལྷན་མཇལ་མོལ་གནང་སྟེ་བོད་དོན་ཐོག་ལ་དགོས་དམིགས་ཁག་ཞུ་སྐུལ་གནང་སྟེ་མཇུག་བསྡོམས་གནང་ཡོད་པ་རེད། ཐེངས་འདིའི་ལས་རིམ་ནང་གོམ་བགྲོད་པ་བསྟན་འཛིན་རང་གྲོལ་ལགས་དང་ཐོགས་སྨོན་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ།བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་འགན་འཛིན།རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན།ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎