རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་སོག་པོའི་གཞུང་འབྲེལ་དཔོན་རིགས་དང་མཇལ་འཕྲད་གནང་བ།
དེ་ཡང་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་འདས་པའི་མདུན་ཕྲག་གཅིག་ལྷག་རིང་སོག་ཡུལ་ནང་འཚམས་གཟིགས་སུ་ཕེབས་ནས་ཡུལ་དེའི་ནང་གི་ནང་ཆོས་སློབ་དཔོན་ནོར་ནེ་མཁན་པོ་ཆོས་རྒྱ་མཚོ་མཆོག་དང་མཇལ་འཕྲད་ཀྱིས་བོད་དང་སོག་པོའི་བར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་ཡར་རྒྱས་དང་རིག་གཞུང་སྲུང་སྐྱོབས་སྐོར་བཀའ་མོལ་གནང་ཡོད་པ་དང་། ལྷག་པར་དུ་རྩ་ཆེ་བའི་ནང་ཆོས་རིག་པ་དེ་བཞིན་གཞོན་སྐྱེས་ཚོར་ངོ་སྤྲོད་གནང་ཕྱོགས་ཀྱི་ཐབས་ལམ་ཐད་ལ་བགྲོ་གླེང་བཀའ་མོལ་གནང་ཡོད་པ་མ་ཟད། སོག་པོའི་གཞུང་འབྲེལ་ཚད་མཐོའི་དཔོན་རིགས་དང་ཉེ་ཆར་འདམས་ཐོན་བྱུང་བའི་འབྲེལ་ཡོད་དཔོན་རིགས་ཁག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣར་བོད་ནང་གི་དངོས་ཡོད་གནས་ལུགས་དང་བཙན་བྱོལ་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་སོགས་ཀྱི་གནད་ལུགས་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།