དབྱིན་ཡུལ་སྐུ་ཚབ་དོན་གཅོད་ནས་ཨེས་ཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་དང་མཇལ་བ།

2022.12.01
དབྱིན་ཡུལ་སྐུ་ཚབ་དོན་གཅོད་ནས་ཨེས་ཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་དང་མཇལ་བ།
བོད་མིའི་སྒྲིག་འཛུགས།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕརཱསི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེས་ཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་ ཨུརྨ་རཡེན་སུལཱ་མཆོག་དང་།  ལཱཊ་ཝི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་མོལ་ཞུས་ཤིང་།  ༢༠༢༣ ལོའི་བོད་མིའི་གསུམ་བཅུའི་སྒེར་ལངས་དུས་དྲན་སྐབས་དང་བསྟུན་གྲོས་ཚོགས་འཐུས་མི་གསུམ་གྱིས་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་གྲ་སྒྲིག་གང་མཚམས་གཏན་འཁེལ་ཟིན་ཡོད་པ་དོན་གཅོད་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།  བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎