འདོད་རྒུ་གླིང་ལེགས་བཅོས་ཀྱི་ལས་འཆར།
2018.12.14

༄༅༎དེ་རིང་གི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནང་ལེགས་བཅོས་ལས་འཆར་ཟེར་བའི་ཚོགས་པས་འགན་འཁུར་འོག་ས་གནས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་སྡེ་དང་མི་མང་བཅས་ལ་ཕན་པའི་ཆེད་དུ་གཞུང་ལམ་དང། ཆུ་དང་འཕྲོད་རྟེན་བཅས་ཀྱི་མཐུན་རྐྱེན་བསྐྲུན་ཐབས་བྱེད་བཞིན་ཡིན་པའི་སྐོར་འབྲེལ་ཡོད་ལས་འཆར་དེའི་འགན་འཛིན་ཀརྨ་གཡང་གྲུབ་ལགས་སུ་བཅའ་འདྲི་ཞུས་ནས་ཚེ་དབང་ནོར་བུས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་གསན་རོགས་ཞུ།།
གསར་འགོད་པ་ཚེ་དབང་ནོར་བུ།