གཟའ་ལྷག་པ་རྟག་པ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་བཞིན་པ།
2019.09.13
༄༅།།ཐེངས་འདིའི༼ གངས་ལྗོངས་གླེང་སྟེགས༽ ཀྱི་ནང་དུ། བོད་རིགས་གཞོན་སྐྱེས་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་གཉའ་གནོན་དང་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་འདས་པའི་ལོ་གཅིག་དང་ཟླ་དགུའི་རིང་གཟའ་ལྷག་པ་རྟག་པར་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རེན་ཀྲོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པའི་སྐོར། སྟག་ལྷ་རྒྱལ་ལགས་ཀྱིས་ཁོང་དང་ལྷན་དུ་བཀའ་མོལ་གནང་བར་གསན་རོགས་ཞུ།།