༧པཎ་ཆེན་རིན་པོ་ཆེ་མཆོག་ཆོས་ཕྱོགས་དང་ཆབ་སྲིད་གང་གི་ཆ་ནས་གནད་འགག་ཇི་ཙམ་ཆགས་མིན།

2023.04.24
༧པཎ་ཆེན་རིན་པོ་ཆེ་མཆོག་ཆོས་ཕྱོགས་དང་ཆབ་སྲིད་གང་གི་ཆ་ནས་གནད་འགག་ཇི་ཙམ་ཆགས་མིན། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་མཆོག
བོད་ཀྱི་འགྲེམས་སྟོན་ཁང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མཐོ་ཤོས་གཉིས་པར་ངོས་འཛིན་གནང་གི་ཡོད་ཅིང་།  རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་དགུང་གྲངས་ ༣༤ ལ་ཕེབས་ཀྱི་ཡོད་པ་རེད།  འོན་ཀྱང་༧ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་དམར་ཤོག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་མེད་པར་གྱུར་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་ཆོས་ཕྱོགས་དང་ཆབ་སྲིད་གང་གི་ཆ་ནས་གནད་འགག་ཇི་ཙམ་ཆགས་མིན་དང་།  འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་འོག་དཀའ་སྡུག་ཇི་འདྲ་མྱངས་དང་མྱོང་བཞིན་ཡོད་པ་ནི་འཛམ་གླིང་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེས་ལས་རྟོག་ཞིབ་པ་ཚོས་ཐུགས་འཚབ་གནང་གཞིར་གྱུར་ཡོད་པས།   བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གཞིའི་གྲོས་བསྡུར་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎