པདྨ་དར་རྒྱས་ངག་དབང་ཞེས་པའི་བོད་པ་ཡིན་ཟེར་མཁན་ཞིག་རྒྱ་ནག་གི་སོ་པ་ཡིན་པའི་དོགས་གཞི་འོག་འཛིན་བཟུང་བྱས་ཡོད་པ།
2020.09.23

༄༅།།ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཞེས་པའི་བོད་པ་ཡིན་ཟེར་མཁན་ཞིག་རྒྱ་ནག་གི་གསང་ཉུལ་དོགས་གཞི་འོག་འཛིན་བཟུང་བྱས་ཡོད་པ་རེད།ཁོང་གིས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཐོག་མ་ཚུར་འབྲེལ་བ་འཛུགས་ཚར་རྗེས་སུ་བོད་མིའི་སྤྱི་ཁང་མདུན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་ཡག་པོ་མེད་ལུགས་དང་།སྤྱི་ཁང་ནང་བོད་མི་གཞན་ཞིག་གིས་བོད་རང་བཙན་འཁོད་པའི་སྟོད་གོས་མཐོང་བ་དེ་ལ་ཁོང་གིས་མི་དགའ་བའི་རྣམ་འགྱུར་བསྟན་པ།ད་དུང་ལོ་གསར་སྐབས་ཀྱི་མཛད་སྒོ་ཐོག་བོད་དོན་འཐབ་རྩོད་དང་འབྲེལ་བའི་གཏམ་བཤད་སྤེལ་སྐབས་ཁོང་གི་བློ་ལ་ཐད་མེད་པའི་གནས་ཚུལ་སོགས་དོགས་གཞི་སློང་བའི་རྐྱེན་མང་པོ་ཡོད་པ་དང་།ལྷག་པར་དུ་ཁོང་གིས་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་བ་ཡོད་པ་ཤེས་རྟོགས་རྗེས་སུ་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པས་ཕྲལ་དུ་འབྲེལ་བ་མཚམས་འཇོག་བྱེད་ཡོད་པ་སོགས་།ད་ཐེངས་ནེའུ་ཡོག་གྲོང་ཁྱེར་ནང་བོད་མི་ཚོའི་ཐོག་རྒྱ་ནག་གི་གསང་མྱུལ་བྱེད་མཁན་ཞིག་དངོས་སུ་ཐོན་པ་དེས་བོད་དོན་ལས་འགུལ་ལ་ཤུགས་རྐྱེན་དང་བོད་མི་ཚོས་གཟབ་ནན་བགྱིས་དགོས་པའི་སྐོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་འགྲུབ་ཚེ་རིང་ལགས་དང་།བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས།ནེའུ་ཡོག་དང་ནེའུ་ཇེ་སི་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་རྣམ་པ་གསུམ་པ་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།