ནིའུ་ཡོག་ཏུ་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པ།
2014.11.10

བསྟན་འཛིན་བཟང་པོ།
༄༅།།ཕྱི་ཟླ་༡༡ཚེས་༩རེས་གཟའ་ཉི་མའི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཨ་རི་བོད་ཀྱི་དོན་གཅོད་ཁང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཀའ་བརྒྱ་ཕེབས་དོན་ལྟར་སྤྱི་ནོར་གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཕྱྭའི་དོན་དུ་ཞབས་རིམ་སྒྲུབ་གསོག་ཞུས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎གསར་འགོད་པ་བསྟན་འཛིན་བདེ་སྐྱིད།