ཁ་སྐོང་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག
2014.09.16

འཇིགས་མེད་སྙན་གྲགས།
༄༅༎ཕྱི་ལོ་༢༠༡༤ཟླ་༩ཚེས་༡༦རེས་གཟའ་མི་དམར་ཉིན་སྐབས་༡༥པའི་གྲོས་ཚོགས་ཚོགས་འདུས་༨པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢པའི་དགོངས་དོན་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ནང་བཀའ་བློན་ཁ་སྐོང་དུ་གཅིག་ཏུ་གྲོས་འདྲི་བ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གྲོས་ཚོགས་ནང་སྤྱི་མོས་ཐོག་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན་།