རང་བཙན་གོམ་བགྲོད་པས་བསྟན་འཛིན་ཆོས་སྐུ་དམ་པར་བསྔོ་སྨོན་གནང་བ།
2021.06.08

༄༅།ཐེངས་འདིའི་རང་དབང་གི་གླེང་སྟེགས་ཀྱི་ལེ་ཚན་ནང་་རང་བཙན་གོམ་བགྲོད་པ་རྣམས་ཀྱིས་ཨ་མེ་རི་ཀའི་དམག་མི་འདས་གྲོངས་སུ་ཕྱིན་པ་རྣམས་ལ་དྲན་རྟེན་ཞུ་རྒྱུའི་ཨ་རིའི་རྒྱལ་ཡོངས་དུས་ཆེན་Memorial Day ཉིན་ཨ་རིའི་རྒྱལ་ཡོངས་དྲན་རྟེན་ལ་ཆེད་ཕེབས་གནང་སྟེ་བོད་པའི་གཞོན་སྐྱོན་སྐྱེས་ཨ་རིའི་དམག་ཞབས་པ་འབྲེང་ཁྱིམ་བསྟན་འཛིན་ཆོས་སྐུ་དམ་པ་དེའི་དྲན་རྟེན་རྡོ་ལྡེབ་ལ་མེ་ཏོག་དང་མཇལ་དར་ཕུལ་པ་མ་ཟད་དེའི་མདུན་ཞལ་འདོན་དང་སྔོ་སྨོན་སོགས་གནང་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།