བློ་བཟང་འབྱོར་ལྡན་ལགས་ཀྱིས་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་འཆར།

2021.01.09
བློ་བཟང་འབྱོར་ལྡན་ལགས་ཀྱིས་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་འཆར། བཙན་བྱོལ་ནང་འཁྲུགས་རྐྱེན་བཟོ་བའི་ཆེད་རྒྱ་ནག་དམར་ཤོག་གིས་ཆེད་དུ་མི་སྣ་མངགས་གཏོང་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་བརྗོད་ཡོད་པས་ཡིད་འཇགས་དགོས་སྐོར་བརྗོད་པ།
བློ་བཟང་འབྱོར་ལྡན།

༄༅།།ཨོས་ཀྲེ་ལི་ཡའི་སིཌ་ནི་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་འདས་པའི་ཟླ་བ་ ༧ རིང་ལྷག་དཀར་ནམ་ཡིན་ལ་བོད་དོན་ཞི་བི་རྔམ་སྟོན་ལས་འགུལ་གནང་མཁན་ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་ལགས་ཀྱིས་རིང་མིན་གང་མགྱོགས་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ཀྱི་འདུག་ལ། ད་ལྟའི་ཆར་བཙན་བྱོལ་ནང་འོས་བསྡུ་ཆེན་མོའི་སྐབས་བོད་མི་ནང་ཁུལ་ལ་རྩོད་གླེང་རིགས་མི་ཡོང་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་དང་མཉམ། བཙན་བྱོལ་ནང་འཁྲུགས་རྐྱེན་བཟོ་བའི་ཆེད་རྒྱ་ནག་དམར་ཤོག་གིས་ཆེད་དུ་མི་སྣ་མངགས་གཏོང་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་བརྗོད་ཡོད་པས་ཡིད་འཇགས་དགོས་ཀྱི་རེད་ཅེས་བརྗོད་བྱུང་། ད་ཐེངས་ཀྱི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་མི་ལས་འགུལ་བ་བློ་བཟང་འབྱོར་ལྡན་ལགས་དང་ལྷན་ལས་འགུལ་དང་བོད་མིའི་སྤྱི་ཚོགས་ནང་དྭོགས་ཟོན་བྱེད་ཕྱོགས་སོགས་ཀྱི་ཐད་གླེང་མོལ་ཞུས་པ་ཞིག་ལ་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎