གླིང་ཚ་གང་དུ་ཡོད་མི་ཤེས་པར་ལོ་གཅིག་སོང་།
2014.06.13

དཔལ་ལྡན་རྒྱལ།
༄༅། །ཐེངས་འདིའི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། བོད་དོན་འཐབ་རྩོད་པ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ཕྱིན་པའི་སྐབས་འདིར། ཁོང་བོར་བརླག་མ་སོང་བའི་ཟླ་གཅིག་གི་སྔོན། རྒྱ་གར་ནས་བོད་བར་དུ་ཞི་བའི་གོམ་བགྲོད་གནང་བཞིན་པའི་ལམ་དུ། ཁོང་གི་ལས་འགུལ་སྐོར་ལ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་དཔལ་ལྡན་རྒྱལ།