ཁྲིམས་ལུགས་རིག་པའི་གོ་རྟོགས་ཀྱི་གལ་གནད།
༢༠༢༤ ཟླ་ ༨ ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་རྡ་རམ་ས་ལར་རྒྱ་གར་བྱང་ཤར་བོད་པའི་གཞིས་ཆགས་ཁག་ ༢༥ ཡི་ས་གནས་འགོ་འཛིན་རྣམས་ལ་ཁྲིམས་ལུགས་རིག་པའི་གོ་རྟོགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་ཅིང་། ས་གནས་འགོ་འཛིན་རྣམས་ལ་བེུད་དང་བྱིས་པར་རྩུབ་སྤྱོད་དང་བཙན་གཡེམ་སོགས་དཀའ་ངལ་འཕྲད་པ་ཁག་ལ་ཁྲིམས་ལུགས་ཀྱི་ཐོག་ནས་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་སྦྱོང་བརྡར་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་དང་ལྷན་བོད་མིའི་སྤྱི་ཚོགས་ཁྲོད་དཀའ་རྙོག་འཕྲད་བཞིན་པ་འདི་དག་ལ་གདོང་ལེན་ཇི་ལྟར་གནང་གི་ཡོད་མེད་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།