བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསར་པ།
2014.09.13

༄༅༎སྐབས་བཅོ་ལྔ་པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་གཉིས་པའི་ཐོག། དབུས་གཙང་སྤྱི་འཐུས་ལས་ཐོག་པདྨ་འབྱུང་གནས་ལགས་དང་། བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་བཀའ་བརྒྱུད་དོན་འགྲུབ་ལགས་རྣམ་གཉིས་གྲོས་ཚོགས་ནང་གསང་བའི་འོས་བསྡུ་གནང་བ་བརྒྱུད་བཀའ་བརྒྱུད་དོན་འགྲུབ་ལགས་སུ་འོས་གྲངས་ ༡༩ དང་། པདྨ་འབྱུང་གནས་ལགས་སུ་འོས་གྲངས་ ༡༤ བཅས་ཐོབ་སྟེ། བཀའ་བརྒྱུད་དོན་འགྲུབ་ལགས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བེ་ཡིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ལ་རོགས།
གསར་འགོད་པ་བློ་བྷེ།