ནད་ཡམས་ཁྱབ་གདལ་ཛ་དྲག་གི་སྐབས་༧གོང་ས་མཆོག་གི་གཙོས་ཆོས་ལུགས་ཀྱི་དབུ་ཁྲིད་ཚོའི་བཀའ་བཞིན་གཞན་ཕན་འགྲུབ་དགོས་པའི་འབོད་སྐུལ་གནང་བ།


2020.04.20
ནད་ཡམས་ཁྱབ་གདལ་ཛ་དྲག་གི་སྐབས་༧གོང་ས་མཆོག་གི་གཙོས་ཆོས་ལུགས་ཀྱི་དབུ་ཁྲིད་ཚོའི་བཀའ་བཞིན་གཞན་ཕན་འགྲུབ་དགོས་པའི་འབོད་སྐུལ་གནང་བ། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཉེན་རྟོགས་པའི་དཔོན་པོ་མཐོ་ཤོས་DGP(Director General of Police Mr.Sita Ram Mardi)སྐུ་ཞབས་སི་ཏཱ་རམ་མར་དྷི་མཆོག་གིས་དྲ་བརྙན་རྒྱུད་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་སྐོར་ཧི་མ་ཅལ་མངའ་སྡེའི་མང་ཚོགས་ལ་ལམ་སྟོན་དང་འབོད་སྐུལ་གནང་བ།
བསྟན་འཛིན་དོན་ཡོད།

རྒྱ་གར་གཞུང་གི་ཁྱིམ་སྡོད་བཀའ་རྒྱ་བཏང་བ་དེར་མི་མང་ཚང་མས་བརྩི་སྲུང་བྱས་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་ནད་ཡམས་འདིའི་སྔོན་འགོག་གི་ཐབས་ལམ་ལག་ཤོས་དེ་རེད། ཚང་མས་ཁྲིམས་ལ་བརྩི་སྲུང་གི་ཉེན་རྟོགས་པར་མཐུན་འགྱུར་གནང་དགོས་པ་ལས་གྱན་ལོག་བྱེད་ན་ཡག་པོ་མ་རེད། ཛ་དྲག་གི་དུས་ཚོད་འདིར་ཆོས་ལུག་དབུ་ཁྲིད་ཚོས་གཞན་ལ་ཕན་ཐོག་བྱེད་དགོས་པ་གསུང་ཡོད་པ་དེ་དག་དྲན་དགོས་། སྟོན་པ་ལྕོམ་ལྡན་འདས་ཀྱིས་འགྲོ་བ་སེམས་ཅན་ཐམས་བཅས་ལ་བྱམས་བརྩེ་བྱས་དགོས་པ་གསུང་ཡོད་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་ནས་ཀྱང་ངའི་ཆོས་དེ་ལས་སླ་བོ་དང་གོ་བདེ་པོ་ཡིན་རང་གི་སེམས་དང་ཀླད་པ་དེ་ལྷ་ཁང་ལྟ་བུ་བཟོས་ནས་གཞན་ལ་བྱམས་བརྩེ་སྒོམ་དགོས་གསུང་བ་བཞིན་ཚང་མས་དཀའ་ངལ་ཅན་གྱི་དུས་འདིར་ཁོང་རྣམས་པའི་བཀའ་བཞིན་ལག་བསྟར་ཐོག་འགྲོ་དགོས་པའི་དུས་ཚོད་ཞིག་རེད་ལ་ད་ལྟར་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་སྐོར་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་ཚུལ་གསན་རོགས།།

གསར་འགོད་པ་ཨོ་རྒྱན་སྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎