རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ།
2024.01.03
ཟླ་བ་དྲུག་རིང་བོད་ཀྱི་སྐད་ཡིག་དང། རིགས་ལམ། དབུ་མ་ཕར་ཕྱིན་སོགས་ཀྱི་གཞུང་ཆེན་ཁག་གི་སློབ་ཚན་དང། གྲུབ་མཐའ་དང་ཚད་མ་སོགས་ཀྱི་དཔེ་ཁྲིད་གནང་སྟེ། སྔར་བོད་དུ་དགེ་འདུན་གྱི་སྡེ་ཁོ་ནར་ནང་ཆོས་སློབ་གཉེར་གནང་རྒྱུའི་གོ་སྐབས་ཡོད་པ་དེ་ད་ཆ་རྒྱ་ཆེའི་མང་ཚོགས་ན་གཞོན་ཚོར་སློབ་ཁྲིད་གནང་ཐུབ་པའི་དམིགས་ཡུལ་ཐོག་ནས་ཟབ་སྦྱོང་དེ་གནང་ཡོད་པའི་སྐོར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་དགེ་ཆེ་དགེ་བཤེས་ཡོན་ཏན་ནོར་བུ་ལགས་ཀྱིས་གསུང་པ་་་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།