རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་བྱེད་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་གནང་དགོས་པའི་འབོད་སྐུལ།

ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།
ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་CHASE ཞེས་པ་བཟུང་འབྲེལ་གྱིས་བོད་དང་རྒྱ་ནག་གི་གནད་དོན་ཉམས་ཞིབ་གནང་མཁན་གྱི་རྒྱ་གར་བ་དང་བོད་མི་ཉམས་ཞིབ་ཁག་ཅིག་གིས་གདན་ཞུ་གནང་སྟེ་། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་སློབ་གྲྭའི་ནང་གཏན་སྡོད་ཀྱིས་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་སློབ་གསོ་སྤྲོད་པའི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཡིས། བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་བྱེད་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་ནས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུ་བའི་བགྲོ་གླེང་ཞིག་གནང་བའི་སྐོར་ལ་བགྲོ་གླེང་ནང་ཞུགས་མཁན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བ་ཞིག་ཡུ་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག