སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་དེ་དག་ནང་ཁུལ་་འགྲིག་འཇགས་ཡོངས་བའི་འབོད་སྐུལ།

ཕྱི་ཟླ་ ༨ ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོང་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་བར་ལམ་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་བྱེད་ཕྱོགས་མི་འདྲ་བ་གཉིས་བྱུང་སྟེ་གྲོས་ཚོགས་བསྐོང་ཚོགས་མ་ཐུབ་པ་དང་། སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་མི་ཐུབ་པ། བཀའ་བློན་བསྐོ་བཞག་མི་ཐུབ་པ་སོགས་བོད་མིའི་བཙན་བྱོལ་སྤྱི་ཚོགས་སུ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ནང་ཁུལ་བཟོད་བསྲན་དང་། ཁོག་ཡངས། ཕན་ཚུན་བརྩི་བཀུར་བྱེད་མ་ཐུབ་པ་ཡིན་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་དག་གི་ཐོུང་གི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་བརྗོད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཨོ་རྒྱན་བསྟན་འཛིན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག