ཨྱོན་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཆེན་མོ།
2025.01.15
ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་རྒྱ་གར་ཤར་ཕྱོགས་ཨོ་དྷི་ཤ་མངའ་སྡེའི་རྒྱལ་ས་Bhubaneswarགྱི་ཉེ་འགྲམ་དུ་ཡོད་པའི་རྡོ་རྗེ་ཕ་ལམ་གྱི་ཟུར་གསུམ་ཞེས་པའི་གནས་ཆེན་ལ་ཕྱི་ཚེས་༡༣་སྟེ་རེས་གཟའ་ཟླ་བའི་ཉིན་གུ་རུ་ཨྱོན་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཆེན་མོ་ཐོག་མ་དེ་དབུ་འཛུགས་གནང་སྐབས་མི་མང་སྟོང་གསུམ་བཞི་ལྷག་འདུ་འཛོམས་བྱུང་བ་དེའི་སྐོར་ཨོ་དྷི་ཤ་ཇི་རང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་གནང་བའི་རི་དགོན་ཐུབ་བསྟན་སྨོན་གྲོལ་གླིང་གི་སྤྲུལ་སྐུ་ཀུན་ཁྱབ་རིན་པོ་ཆེ་མཆོག་ལ་སེངྒེ་རི་བསོད་ནམས་ལྷ་མོ་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གྱི་རེད།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།