དགུན་ཚོང་གཉེར་མཁན་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེ་བྱུང་བ།
2022.01.25
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། ཉིན་ཤས་གོང་རྒྱ་གར་གྱི་Haryana མངའ་སྡེའི་Ambala City ཞེས་པའི་གྲོང་ཁྱེར་ནང་དགུན་ཚོང་གཉེར་མཁན་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེ་བྱུང་ནས་ཁྲོམ་ར་དང་ཚོང་ཟོག་བཅས་ ཆ་ཚང་མེས་ཚིག་པའི་གནས་ཚུལ་བྱུང་ཡོད་སྟབས་ མེ་སྐྱོན་གྱི་དོ་ཕོག་བྱུང་བའི་བོད་མིའི་ ཚོང་པ་ཚོའི་དལྟའི་གནས་སྟངས་དང་། ཁྲོམ་ས་བསྐྱར་གསོ་དང་མུ་མཐུད་དགུན་ཚོང་གཉེར་ རྒྱུའི་འཆར་གཞི་ཡོད་མེད། དེ་བཞིན་དཔལ་འབྱོར་གྱི་གྱོང་གུན་ག་ཚོད་ཕོག་ཡོད་མེད་སོགས་ ཀྱི་ཐད་ རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་ལས་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁྱེན་ རྩེ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།