བོད་རིགས་དང་རྒྱ་རིགས་དབར་ཐུན་མོང་གི་གཞི་རྟེན་འཚོལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ།
2025.02.13

བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། Australia ནང་གི་Canberra གཙུག་ལག་སློབ་ཆེན་དུ་བོད་རིགས་དང་རྒྱ་རིགས་དབར་ཐུན་མོང་གི་གཞི་རྟེན་འཚོལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་པའི་ཐོག་Australia གཞུང་གིས་རྒྱ་ནག་ཐོག་ Magnitsky ཁྲིམས་གཞི་ལག་བསྟར་ཐོག་ནས་སྲིད་དོན་ཉེས་ཆད་བཀལ་དགོས་པའི་སྐུལ་འདེབས་གཙོས་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་ཡོད་ཅིང་། ཚོགས་འདུའི་གྲུབ་འབྲས་དང་དེའི་བོད་རྒྱ་གྲོས་མོལ་དང་། འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་འབྲེལ་གཏུག་བཅས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པ་སོགས་ཀྱི་སྐོར་ ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་གླེང་མོལ་གནང་བ་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།