༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བཞིན་པ།


2015.10.18
༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བཞིན་པའི་གནས་ཚུལ།
ཀུན་བཟང་བསྟནའཛིན།

༄༅༎ཕྱི་ཟླ་༡༠ཚེས་༡༨རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༦ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཨེ་ཤེ་ཡ་དང་།ཡོ་རོབ།ཨ་མེ་རི་ཀ།ཀེ་ན་ཌ།སོགས་ས་གནས་༩༡ནང་འོས་བསྡུ་གནང་དང་གནང་བཞིན་པ་རེད། དེ་ཡང་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། དེ་བཞིན་ཨོ་སི་ཀྲོ་ལི་ཡ་བཅས་ནང་སྔོན་འགྲོའི་འོས་བསྡུ་གནང་ཟིན་པ་དང་།ཡོ་རོབ་ཡུལ་གྲུ་ཁག་ནང་དང་ཨ་རི། ཀེ་ན་ཌའི་ནང་ད་ལྟ་འོས་བསྡུ་འགྲོ་མུས་ཡིན་འདུག  ཕྱི་ལོ་༢༠༡༥ལོར་ཁྱོན་བསྡོམས་བོད་མི་བརྒྱད་ཁྲི་བདུན་སྟོང་བརྒྱ་དང་བདུན་བཅུ་དོན་དགུ་ཙམ་གྱིས་འོས་བསྡུ་དེབ་བསྐྱེལ་བྱས་ཡོད་པ་རེད༎
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎