བལ་ཡུལ་ནང་བོད་མིའི་ཁྲོད་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ།
2021.07.19
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།
བལ་ཡུལ་གཞུང་གིས་ལོ་༥༠ ནས་༥༥ བར་གྱི་བལ་པོ་དང་བོད་མི་དབྱེར་མེད་ཀྱི་ལོ་ཚད་ནང་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་འགོ་བཙུགས་གནང་ཡོད་ཀྱང་བོད་མིའི་ཁྲོད་དུ་ནད་གཅོང་དང་རྒན་ཁོག་། ལྷག་དོན་ནང་མི་མེད་པར་འགྲོ་བསྐྱོད་རང་སྐྱ་མ་འཕེར་བ་གང་ཞིག་སྔོན་འགོག་སྨན་ཁབ་རྒྱབ་ཡུལ་དུ་བསྐྱོད་མ་ཐུབ་པ་ཚོར་ཁྱིམ་ཚང་དུ་སྔོན་འགོག་སྨན་ཁབ་རྒྱབ་ཏུ་ཡོང་མཁན་སོགས་ཀྱི་དམིགས་བསལ་གྱི་གོ་སྒྲིག་གང་ཡང་མེད་པར་བརྟེན་ནས་གཞུང་གིས་སྔོན་འགོག་སྨན་ཁབ་རྒྱབ་ཡུལ་ས་ཆ་ཁག་གསུམ་གཏན་འབེབས་གནང་བ་དེར་སོ་སོའི་སྡོད་གནས་དང་ཐག་ཉེ་ལ་གཞིགས་ཏེ་སྔོན་འགོག་སྨན་ཁབ་རྒྱབ་ཏུ་འགྲོ་དགོས་ཀྱི་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།