སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་འོད་སྡེར་དབུ་འབྱེད།
2013.11.25

༄༅༎ཕྱི་ཟླ་༡༡ཚེས་༢༥རེས་གཟའ་ཟླ་བའི་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྤྱི་ཚོགས་ཞབས་ཞུའི་ཚོགས་པས་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་དངོས་འབྱུང་གློག་བརྙན་གྱི་འོད་སྡེར་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག ཞིབ་ཕྲའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྷ་རམ་ས་ལའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎