པཎ་ཆེན་རིན་པོ་ཆེ་ཀློད་བཀྲོལ་གྱི་ལས་འགུལ།
2014.05.20

བཟོད་པ་རྒྱ་མཚོ།
༄༅༎ཕྱི་ཟླ་༥ཚེས་༡༧རེས་གཟའ་སྤེན་པའི་ཉིན་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌།ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས།བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་འོག་མི་ལོ་བཅུ་དགུ་འགྲོ་བཞིན་པའི་དུས་སུ་པཎ་རིན་པོ་ཆེ་ཀློད་བཀྲོལ་དགོས་པ་དང་།པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་འཚོ་བཞུགས་ཡོད་མིན་སོགས་ཀྱི་གནས་ཚུལ་གསལ་འདོན་དགོས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎