རྡ་རམ་ས་ལའི་ནང་ཁྱིམ་ཚང་༢༡༨ ཀྱི་དཀའ་ངལ་དེ་ས་ཆ་མིང་འགྱུར་གྱི་བཀའ་ཁྲོལ་ཙམ་ལས་གཞན་ལས་དོན་ཆ་ཚང་འགྲུབ་ཡོད།
2019.06.18

༄༅།།ཟླ་འདིའི་ཕྱི་ཚེས་༡༨ཉིན་མི་མང་གིས་འོས་འདེམས་བྱས་པའི་རྡ་ས་གནས་འགོ་འཛིན་རྙིང་པ་ཟླ་བ་རིན་ཆེན་ལགས་དང་ས་གནས་འགོ་འཛིན་གསར་པ་ཀུན་དགའ་ཚེ་རིང་ལགས་གཉིས་ཀྱི་འཕོ་ལན་སྐབས། ས་གནས་འགོ་འཛིན་རྙིང་པ་ཟླ བ་རིན་ཆེན་ལགས་ཀྱིས་རྡ་རམ་ས་ལའི་ནང་ཁྱིམ་ཚང་༢༡༨ ཀྱི་དཀའ་ངལ་དེ་ས་ཆ་མིང་འགྱུར་གྱི་བཀའ་ཁྲོལ་ཙམ་ལས་གཞན་ལས་དོན་ཆ་ཚང་འགྲུབ་ཡོད་པ་གསུངས་འདུག འདི་གའི་སྐོར་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ།།