༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༦/༥༧  ལོར་རྒྱ་གར་ལ་གནས་གཟིགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས།

2021.08.06
༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༦/༥༧  ལོར་རྒྱ་གར་ལ་གནས་གཟིགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས། ཕྱི་ལོ་ ༡༩༥༦ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྒྱ་གར་ལ་སྲིད་གཞུང་གི་གདན་ཞུས་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དྲན་གསོའི་མཛད་སྒོ་དང་རྒྱ་གར་ནང་གནས་གཟིགས་ཆེད་དུ་ཆིབས་བསྒྱུར་བསྐྱངས་པ་ཞིག་རེད་འདུག།
OHHDL

བོད་ས་མ་ཤོར་གོང་ནས་བཙན་བྱོལ་དུ་འབྱོར་མཁན་གྱི་མི་ཐོག་ཉུང་ཤེས་ཤིག་ལས་ལྷག་མེད་པ་དེའི་ནང་ནས་གཅིག་ནི་སྒང་ཏོག་གནས་སྡོད་རང་ལོ་ ༨༦ ལ་སོན་པ་པཱགྲ་འདུལ་ལགས་ཡིན་པ་དང་། ཁོང་འབྲས་ལྗོངས་དང་བོད་ཀྱི་ས་མཚམས་སྣ་ཐོད་ལ་ནས་འབྲས་ལྗོངས་རྒྱལ་ས་སྒང་ཏོག་དབར་ཚོང་འབྲེལ་གྱི་དངོས་ཟོག་རིགས་རྟ་དྲེལ་རྒྱུད་འོར་འདྲེན་གནང་ནས་དྲེལ་པ་བྱེད་ནས་འཚོ་བ་སྐྱེལ་ཡོད་འདུག་ཅིང་།   ཕྱི་ལོ་ ༡༩༥༦ ལོ་མཇུག་ཏུ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་འབྲས་ལྗོངས་རྒྱུད་རྒྱ་གར་ལ་གནས་གཟིགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སྣ་ཐོད་ལ་ནས་སྒང་ཏོག་དབར་ཁོང་༸གོང་ས་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་སྐུ་ཆས་འོར་འདྲེན་གནང་རྒྱུའི་གུས་སྐབས་དང་མཉམ་དུ་མི་ཚེའི་ནང་ཐེངས་མ་དང་པོ་༸གོང་ས་མཆོག་སྐུ་དངོས་སུ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་འདུག།  དེ་སྐོར་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་གནང་།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།  ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎