དྲ་ཐོག་གི་བདེ་འཇགས་དང་འཇབ་རྒོལ།
དེང་གི་དུས་སུ་གློག་རྡུལ་དྲ་རྒྱ་ནི་འགྲོ་བ་མིའི་ཉིན་རེའི་བྱ་གཞག་གི་ལྡོག་ཏུ་མི་རུང་བའི་ཆ་ཤས་གལ་ཆེན་ཤིག་ཏུ་གྱུར་ཡོད་ཅིང་། དྲ་ཐོག་གི་བདེ་འཇགས་དང་སྒེར་ལ་ཕན་སྣོད་འབྲེལ་བའི་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོར་རྒྱ་ནག་དམར་ཤོག་གིས་དྲ་ཐོག་ནས་མྱུལ་ཞིབ་དང་ལྟ་སྲུང་། རྒོལ་རྡུང་བཏང་དང་གཏོང་བཞིན་ཡོད་པ་ཉམས་ཞིབ་བརྒྱུད་རིམ་ཐོག་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད་ལ། དེའི་ཆེད་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་TibCERT ཞེས་བོད་ཀྱི་གློག་ཀླད་ཉེན་སྲུང་ལྟ་ཞིབ་ཀྱི་གྲ་སྒྲིག་ཚན་ཁག་དེ་བསྐྲུན་ཏེ། བོད་མི་ཚོས་དྲ་ཐོག་གི་བདེ་འཇགས་དང་འཇབ་རྒོལ་སོགས་ལས་ཇི་ལྟར་གཡོལ་དགོས་མིན་ཐད་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་རེད། TibCERT ཀྱི་འགན་འཁུར་བ་རྡོ་རྗེ་ཕུན་ཚོགས་ལགས་དང་ལྷན་ཚན་ཁག་དེའི་དམིགས་ཡུལ་དང་ཕྱག་ལས་གང་འདྲ་གནང་མིན་སོགས་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།