པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༠འཁོར་བ།


2015.05.17
པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༠འཁོར་བ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༠འཁོར་བའི་དུས་ཚིགས་ལ་བཙན་བྱོལ་བོད་མིས་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཉིན་མོ་ཞིག་ཏུ་སྲུང་བརྩི་ཞུས་པ།
འཇིགས་མེད་སྙན་གྲགས།

༄༅༎ཕྱི་ཟླ་༥ཚེས་༡༧ གྱི་ཉིན་མོ་དེ་ནི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་མེད་པར་གྱུར་ནས་ལོ་ངོ་༢༠ འཁོར་གྱི་དུས་ཚིགས་དེར་བོད་དོན་ཐད་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཉི་མོ་ཞིག་ཏུ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་པེན་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཉིན་མོ་དེ་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་བ་ལྟར། དེ་རིང་བཞུགས་སྒར་རྡ་རམ་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་ཉིན་མོ་དེ་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་སྐོང་ཚོགས་གནང་སྟེ། མཛད་སྒོའི་ཐོག་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཚོག་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བཅས་ནས་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༩༥ ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༤ ཉིན་དགེ་འདུན་ཆོས་ཀྱི་ཉིན་མོ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་ལྔ་པའི་ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་ཕེབས་པའི་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་སྐུ་འཁོར་རྣམས་བཙན་ཁྲིད་བྱས་ནས་ད་བར་གར་ཡོད་གར་ཁྲིད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པ་བཟོས་ཏེ་རྒྱ་ནག་གཞུང་ཕྱོགས་ནས་ཕྲུ་གུ་གཞན་ཞིག་ཡང་སྲིད་དུ་བསྐོ་བཞག་བྱས་པའི་ལོ་རྒྱུས་ངོ་སྤྲོད་གནང་བ་དང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གར་སོང་མེད་པ་གྱུར་བའི་གནས་སྟངས་ལྟ་རྟོགས་གནང་མཁན་ཚོགས་ཆུང་དང། ཆོས་དད་རང་དབང་ཐོག་ལ་ཞིབ་འཇུག་གནང་མཁན་ཚོགས་ཆུང། མནར་གཅོད་ཀྱི་དཀའ་ངལ་སེལ་ཐབས་གནང་མཁན་ཚོགས་ཆུང་བཅས་ཀྱིས་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་ངོས་འཛིན་གནང་བའི་གསལ་བསྒྲགས་སྤེལ་གནང་མྱོང་བ་མ་ཟད། ༢༠༡༤ ལོར་མི་གར་སོང་མེད་པ་གྱུར་བའི་ཐོག་ལ་ལྟ་རྟོགས་གནང་མཁན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་། ཁོང་ཚོ་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་དང་པཎ་ཆེན་རིན་པོ་ཆེ་རྩད་གཅོད་ཞུ་དགོས་པའི་སྐོར་བརྗོད་ཡོད་ཀྱང་ངོས་ལེན་རྩ་བ་ནས་བྱས་མེད་པའི་སྐོར་གསུངས་ཏེ། པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དཀྲོལ་ཡོང་ཐབས་ལ་རྒྱལ་སྤྱི་ཁྱོན་ཡོངས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎