ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་འདུག
2014.01.07

བཙན་བྱོལ་བོད་མིའི་སྒྲིག་འཛུགས།
༄༅༎ཕྱི་ལོ་༢༠༡༤ཟླ་༡ཚེས་༧རེས་གཟའ་མིག་དམར་གྱི་ཉིན་བཞུགས་སྒར་དྷ་རམ་ས་ལར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་༧༦ ནས་སློབ་གྲྭའི་ངེས་སྟོན་པ། སློབ་སྤྱི། ཆོས་དགེ། དགེ་རྒན་སོགས་ཁྱོན་མི་གྲངས་ ༢༣༦ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎