༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ།

2025.03.04
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་དབུ་འབྱེད་སྐབས། ༢༠༢༥།༠༢།༢༡ ཉིན།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པ་དང་། གསེར་ཁྲི་མངའ་གསོལ་ཞུས་ཏེ་མི་ལོ་ ༨༥ འཁོར་བ།  དེ་བཞིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་གཙང་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༧༥ འཁོར་བ་བཅས་ཀྱི་དུས་དྲན་གསུམ་འཛོམས་དང་བསྟུན། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་གནང་བའི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ་ལྟར།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཉམས་ཞིབ་ཀྱི་བརྒྱུད་རིམ་འདིའི་ཁྲོད་རྒྱ་ནག་གི་ཡིག་ཆ་ཁག་ཏུ་བདེན་དཔང་འཕེར་བའི་གནད་དོན་ཤེས་རྟོགས་ཇི་བྱུང་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ།  བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎