ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་སྐབས་བརྒྱ་ཆ་ ༨༥ གཞོན་སྐྱེས་མི་རབས་ཀྱིས་མཉམ་ཞུགས་གནང་འདུག

2024.09.10
ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་སྐབས་བརྒྱ་ཆ་ ༨༥ གཞོན་སྐྱེས་མི་རབས་ཀྱིས་མཉམ་ཞུགས་གནང་འདུག
ATC

ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷེ་རཱར་ཕྱི་ཟླ་ ༩ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་ས་གནས་བོད་རིགས་ཚོགས་པ་ཁག་དགུའི་སྐུ་ཚབ་ ༢༠ མཉམ་འཛོམས་ཀྱིས་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ ༣༥ མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཞིང་།  ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong) དང་མཇལ་འཕྲད་བྱུང་སྐབས་ཁོང་གིས་ཨོསི་ཊརེ་ལི་ཡ་གཞུང་ཞབས་ཚོའི་ཁྲོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་སྐོར་གྲོས་བསྡུར་གནང་བཞིན་ཡོད་ཅེས་གསུངས་འདུག་ལ།  ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ ཨེན་ཌྲུ་ ཝ་ལེསི་  (Andrew Wallace) ཡིས་ཚོགས་པ་ཟུང་སྦྲེལ་གྱི་གྲོས་ཆོད་ཀྱི་གྲོས་འཆར་ཞིག་བཏོན་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་།   སྤྱི་ནོར་༧གོང་ས་༧ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་སྲུང་སྐྱོབ་ཞུ་རྒྱུ་དེ་གལ་ཆེ་ཡིན་པ་གསལ་སྟོན་གནང་འདུག  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨའོསི་ཊརེ་ལི་ཡའི་དང་བླང་ཞུ་གཏུག་ལས་འགུལ་བའི་རྒྱལ་ཡོངས་འབྲེལ་མཐུད་པ་བསྟན་འཛིན་ནོར་འཛིན་ལགས་དང་། ཁེན་བྷེ་ར་དྭང་བླང་ཞུ་གཏུག་ལས་འགུལ་བ་སྐལ་བཟང་སྒྲོལ་དཀར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎