ཧྥརནསི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ།

2022.07.13
ཧྥརནསི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ། ཧྥརནསི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ།
ཧྥརནསི་བོད་རིགས་ཚོགས་པ།

བོད་ཀྱི་བླ་ན་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུས་ཡོད་པ་དང་། སྤྱི་ཟླ་༧པའི་ཚེས་༡༠ཉིན་ ཧྥརནསི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཡུལ་དེར་བོད་མི་༢༠༠༠ལྷག་ཙམ་རྒན་གཞོན་དར་གསུམ་འདུ་འཛམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོར་བའི་ངང་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ངོ་བོ་དང་མཚོན་རྟགས། ནང་པའི་ངོས་ནས་སངས་རྒྱས་བསྟན་པའི་མཚོན་རྟགས། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེའི་དད་དཔོན་ཞིག་ཡིན་པ་བཅས་ཚང་མའི་སྤོབས་པ་དང་སེམས་ཤུགས། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་དེ་ཚོར་ལ་ཡང་གཞས་སྣ་གོ་སྒྲིགས་ཀྱི་སྐབས་སུ་སོ་སོའི་ལག་གཉིས་འཐལ་མོ་སྦྱར་ནས་དགའ་གུས་ཀྱི་རྣམ་པ་མངོན་པ་བཅས་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་སེམས་ནང་བག་ཆགས་ཆེན་པོ་འཇོག་ཡ་རྒྱུ་རྩ་ཞིག་ཆགས་ཡོད་ཅེས་བརྗོད་སོང་། དེ་རིང་ཁ་བའི་གྲོས་ར་ལེ་ཚན་ནང་ཞིབ་ཕྲ་སྐུའི་འཁྲུངས་སྐར་གྱི་གནད་འགག་གི་སྐོར་སཧྤ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལེན་ལགས་དང་ཧྥ་རན་སི་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ་གསར་འཛུགས་མཁན་བོད་རིགས་རྣམ་རྒྱལ་ཚེ་རིང་ལགས་རྣམ་པ་གཉིས་གདན་ཞུས་ཀྱིས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དང་བགྲོ་གླེང་ཞུས་གནང་བར་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎