རྒྱ་ནག་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་ནམ།


2013.11.21
རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་བཞུགས་ངོས་ལེན་བྱ་རྒྱུར་ངོ་རྒོལ་གནང་བཞིན་པ།
རུ་ཐོག་ངག་དབང་བཀྲིས་ལགས།

༄༅།    །དེ་རེས་ཀྱི་ཁ་བའི་གྲོས་རྭ་ཟེར་བའི་ལེ་ཚན་འདིའི་ནང་།    ཟླ་བ་ཁ་ཤས་རིང་རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་སུ་འཛུལ་བཞུགས་བྱ་རྒྱུའི་ཐོབ་ཐང་དང་།    འོས་བབ་མེད་ཟེར་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོ་བོ་བྱས་པའི་རྒྱ་རིགས་མང་པོ་ཞིག་བཅས་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པས་མ་ཟད།    མི་མང་ས་ཡ་གཅིག་ལྷག་གིས་ས་ཡིག་བརྒྱབ་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་འབུལ་ཡོད་མེད་ལ་མ་ལྟོས་པར།        ཕྱི་ལོ་ ༢༠༡༣ཟླ་༡༡ཚེས་༡༢ཉིན་རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བའི་མིའི་ཐོབ་ཐང་ལྷན་ཚོིགས་གི་ཚོགས་མིའི་གྲས་སུ་ཚུད་ཡོད་པ་རེད།    གནད་དོན་དེ་ཚོའི་སྐོར་ད་ལྟ་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་།    ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རུ་ཐོག་ངག་དབང་བཀྲིས་ལགས་དང་།    བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྡོ་རྗེ་ལགས་ཁོང་རྣམ་པ་གསུམ་དང་ལྷན་དུ་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎