ཉིན་གཅིག་རིང་བོད་དོན་ལས་འགུལ་སྤེལ་བ།


2013.10.18
རྒྱ་གར་མི་དམངས་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བའི་བྱེད་སྒོ། རྒྱ་གར་མི་དམངས་ལ་བོད་དོན་དྲིལ་བསྒྲགས་
པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས།

རྒྱ་གར་གྱི་མངའ་སྡེ་Maharashtra ཡི་གྲོང་ཁྱེར་Nagpur ནང་ཚེས་༡༧ ཉིན་ཧྲིལ་བོར་རྒྱ་གར་མི་དམངས་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་གནས་ཚུལ་ལྟར་ན། རྒྱ་གར་ནང་དེ་སྔ་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་དང་། རིགས་མཐོ་དམན་དབྱེ་འབྱེད་ཀྱི་ལམ་ལུགས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་སྣེ་ཁྲིད་གནང་མཁན་མཁས་དབང་སྐུ་ཞབས་ Ambedkar མཆོག་གི་དྲན་གསོའི་ཉིན་མོ་དང་བསྟུན། གྲོང་ཁྱེར་Nagpur ནང་དུ་ཡོད་པའི་འཕགས་བོད་མཛའ་འབྲེལ་ཁུངས་དང། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་སྟེ་རྒྱ་གར་མི་དམངས་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།

ཉིན་དེར་རྒྱ་གར་རྒྱལ་ཡོངས་ནས་མི་དམངས་ས་ཡ་མང་པོ་མཁས་དབང་སྐུ་ཞབས་Ambedkar མཆོག་དྲན་གསོ་ཞུ་བའི་ཆེད་། ཁོང་གི་སྐུ་འདྲ་མཇལ་བར་བཅར་ཡོད་པ་ལྟར། ལས་འགུལ་གོ་སྒྲིག་པས་འཕྲེད་དར་སྟེང་མཁས་དབང་སྐུ་ཞབས་Ambedkar མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་གནད་དོན་ཐོག་ལ་གསུང་བའི་བཀའ་མོལ་༼ དེ་སྔ་༡༩༤༩ ལོར་རྒྱ་ནག་ངོས་འཛིན་མ་བྱས་པར་དེའི་ཚབ་ཏུ་བོད་ངོས་འཛིན་བྱས་ཡོད་ན་ད་ཆ་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཟེར་བ་ཡོང་ཐབས་མེད་པ་རེད་ཅེས་༽ཅེས་བ་བྲིས་ཏེ་ཁོང་གི་བཀའ་མོལ་གྱི་ནང་དོན་རྣམས་རྒྱ་གར་མི་དམངས་ཚོར་ཤེས་རྟོགས་ཐུབ་ཐབས་གནང་བ་མ་ཟད། ཧིན་རྡུའི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག་ནང་བྲིས་པའི་བོད་དོན་སྐོར་གྱི་ཕྱག་དེབ་ཁག་མི་དམངས་ལ་འགྲེམས་སྟོན་འགྲེམས་སྤེལ་གནང་ཡོད་ལ། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གློག་བརྙན་བྱམས་སྙིང་རྗེ་དང། རྒྱ་ནག་གཞུང་གིས་བོད་ནང་བྱ་སྤྱོད་སྤེལ་བའི་གནས་སྟངས་སྐོར། བོད་གཙོས་པའི་ཧི་མ་ལ་ཡའི་ཁུལ་གྱི་འཁྱགས་རོམ་ཞུ་བའི་དཀའ་ངལ་སོགས་མི་དམངས་ལ་གསལ་སྟོན་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་ཀྱང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎