འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་རྒྱ་ནག་ལ་སྐྱོན་བརྗོད་གནང་བ།
2021.05.08

༄༅།།གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་རྒྱ་ནག་གཞུང་ནས་བོད་དང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་བྱ་སྤྱོད་ལ་བློ་འཚབ་ཀྱི་ཡོངས་སྒྲགས་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་ནན་བརྗོད་བྱས་འདུག ཞིབ་ཕྲའི་གནས་ཚུལ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་སྒྲིག་ཞུས་པ་གསན་རོགས་གནང་།།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།