ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༧འཁོར་བའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐོར་བ་ཚོས་ངོ་རྒོལ་གནང་བ།

ཕྱི་ཟླ་༥པའི་ཚེས་༡༧ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༧རྷིལ་བུ་འཁོར་གྱི་ཡོད་པ་དང་། ཉིན་དེར་རྒྱལ་སྤྱིའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གདུང་སེམས་མཉམ་བསྐྱེད་ཀྱིས་ངོ་རྒོལ་དང་གོ་རྟོགས་ཀྱི་ལས་འགུལ་སོགས་སྤེལ་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རཱ་ལེ་ཚན་ནང་ཡུ་རོབ་སི་པེན་རྒྱལ་ཁབ་ནང་རྒྱ་ནག་གིས་བཙན་ཁྲིད་བྱས་པའི་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བར་ངོ་རྒོལ་ལས་འགུལ་དང་། དེ་བཞིན་ཁེ་ན་ཌ་བཅས་ཀྱི་ནང་ངོ་རྒོལ་སྤེལ་བ་སོགས་སི་པན་དུ་གནས་བཞུགས་ཡོ་རོབ་བོད་མི་དམངས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་་ཊོ་རེན་ཊོ་ས་གནས་གཞོན་ནུའི་ཚོགས་གཙོ་བསོད་ནམས་ལགས་རྣམ་པ་གཉིས་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ་རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག