༧གོང་ས་མཆོག་ནིའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་པ།
2024.06.26
ཁ་བའི་གྲོས་རྭའི་ལེ་ཚན་ནང་། ༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཚེས་༢༣་ཉིན་ཨ་རིའི་གྲོང་ཁྱེར་ནུའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་པ་དང་སྦྲགས་སྐབས་དེར་ཕེབས་བསུའི་སྣེ་ལེན་གོ་སྒྲིག་ཞུས་མཁན་ནུའུ་ཡོག་དང་ནུའུ་ཇེསེའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དེ་བཞིན་ཕེབས་བསུར་བཅར་མཁན་མི་དམངས་འདུ་འཛོམས་ཁྲོད་ཁག་ཅིག་ལ་སེམས་ཚོར་དང་རེ་འདུན་སོགས་ཀྱི་ཐད་ལ་ཆོས་སྐྱིད་ཀྱིས་བཅར་འདྲི་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། གུ་རུ་ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།