བྱང་ཆུབ་སེམས་ཀྱི་རིམ་པ།
2021.07.15

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐོག་ལ་དྭགས་ཀྱི་དད་ལྡན་ཆོས་ཞུ་བར་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་དང་། ཆོས་ཞུ་བས་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད། གསུང་ཆོས་ཉིན་དང་པོའི་ཐོག་བློ་རིམ་གྱི་སྦྱངས་སྟངས་རིམ་པ་དང་། འཛམ་གླིང་འདིའི་ཐོག་རྙོག་ཕྲ་མང་པོ་ཞིག་ནི་གཞན་དོན་གྱི་བསམ་པ་མེད་པར་རང་གཅིག་པུའི་དོན་དུ་བསམ་བློ་འཛིན་པ་འདིས་བཟོས་པ་ཡིན་པ་སོགས་གནས་ལུགས་ངོ་སྤྲོད་གནང་པའི་ཐོག་ནས་བཀའ་སློབ་གནང་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།