བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡང་བྱམས་བརྩེ་ཡིན།


2019.12.11
བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡང་བྱམས་བརྩེ་ཡིན། ༸གོང་ས་མཆོག་གིས་བྱམས་བརྩེ་གོང་འཕེལ་ཡོང་བར་ང་ཚོས་ངེས་པར་དུ་རྣམ་དཔྱོད་དང་ཤེས་རབ་བེད་སྤྱོད་གཏོང་དགོས་གལ་ཆེ་ཞིང་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡང་བྱམས་བརྩེ་ཡིན་པ་གྷོ་ཝ་གཙུག་ལག་སློབ་ཆེན་དུ་བཀའ་ཕེབས་འདུག
དགའ་ལྡན་ཕོ་བྲང༌།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནུབ་ཕྱོགས་གྷོ་ཝ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་ཝ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་བ་༡༢ཚེས་༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེའི་ཁུལ་དུ་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་ཕྱག་ཚོད་གཅིག་ལྷག་བཀའ་སློབ་བསྩལ་བའི་ནང་། སྒྲ༽ངོས་ཀྱིས་རྒྱུན་དུ་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་ངོ་སྤྲོད་གནང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད། ཡི་ཤུ་ཆོས་ལུགས་ཚུད་པའི་ཆོས་ཕྱོགས་དང་འབྲེལ་བའི་ནུབ་ཕྱོགས་པ་ཕལ་ཆེ་བས་དཀོན་མཆོག་གཅིག་པུར་གསོལ་འདེབས་ཞུ་བཞིན་ཡོད་པ་རེད། འོན་ཀྱང་། དེས་ང་ཚོའི་སེམས་ལ་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་ཡོང་བར་འདང་གི་མེད་པ་རེད། དེར་བརྟེན། དེང་སྐབས་ཚན་རིག་པ་ཚོས་ཀྱང་བྱམས་བརྩེ་གོང་འཕེལ་ཡོང་བར་ངེས་པར་དུ་འགྲོ་བ་མིའི་ཤེས་རབ་བེད་སྤྱོད་གཏོང་དགོས་གལ་ཆེ་བའི་སྐོར་གསུངས་ཀྱི་ཡོད་རེད་ལ། འགྲོ་བ་མི་ཚང་མ་བདེ་སྐྱིད་འདོད་པ་ཤ་སྟག་རེད། དེར་བརྟེན་བདེ་སྐྱིད་ཀྱི་མཐར་ཐུག་གི་འབྱུང་ཁུངས་ནི་སོ་སོ་རང་ངོས་ལ་ཡོད་པ་མ་ཟད། བྱམས་བརྩེ་ཅན་གྱི་མི་དེ་ལ་རང་བཞིན་གྱིས་ཁོང་ཁྲོ་དང་འཇིགས་སྣང་སོགས་ཉུང་བ་ཡོད་རེད་ཅེས་བཀའ་གནང་ཡོད་པ་རེད། ཡང་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་སྐོར་བཀའ་སློབ་ཕེབས་བའི་ནང་། ཁྱེད་རང་ཆོས་དད་བྱེད་མཁན་དང་མི་བྱེད་མཁན་གང་ཡིན་རུང་། འདི་ནི་སོ་སོ་སྒེར་གྱི་གནད་དོན་ཞིག་ཡིན། ཡིན་ནའང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་ཚོར་དང་འབྲེལ་བའི་ཤེས་ཡོན་དགོས་གལ་ཆེ་ལ། ལྷག་པར་དུ་སེམས་དང་སེམས་མྱོང་གི་རྣམ་གཞག་ནི་རྒྱ་གར་རྒྱལ་ཁབ་ཀྱི་གནའ་བོའི་རིག་གཞུང་ཞིག་ཡིན་པ་ལས་བློ་བུར་དུ་ལུང་པ་འདིའི་ནང་གསར་དུ་འབྱུང་བ་ཞིག་མིན། རྒྱུ་མཚན་དེར་བརྟེན་ནས། ངོས་ཀྱིས་དམ་བཅའ་བཞི་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་སླར་གསོ་བྱེད་རྒྱུ་དེ་རེད་ཅེས་བཀའ་གནང་ཡོད་པ་རེད། ཡང་སྐབས་དེར་༸གོང་ས་མཆོག་གི་དཔལ་ནཱ་ལེན་དྲའི་རིག་གནས་ལ་དམིགས་བསལ་གྱིས་ཁྱད་ཆོས་ཤིག་ཡོད་དེ་ནི་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རེད་ཅེས་དེ་མ་ཐག་ཏུ་རྗེས་སུ་མི་འབྲང་པར། རིག་པའི་ལམ་ནས་མཐིལ་ཞིང་ཕྱིན་པ་རྟགས་དཔྱད་བྱེད་རྒྱུ་ཡོད་པ་དེ་རེད་ཅེས་དང་། རྒྱ་གར་གྱི་ལེགས་སྦྱར་གྱི་རིག་གནས་ཞེས་ཆོས་གཅིག་པུར་གོ་བ་མི་ཡིན་པར། ནཱ་ལེན་དྲའི་མཁས་པ་ཚོ་ཚུད་པའི་རྒྱ་གར་གྱི་གནང་བའི་མཁས་པ་ཚོས་ཀྱང་ལེགས་སྦྱར་གྱི་སྐད་ཡིག་བེད་སྤྱོད་བཏང་ཡོད་པ་དང་། གཞི་རྩའི་ཆ་ནས་ནང་པའི་གཞུང་ལུགས་ནི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་གི་ཁུངས་གཏུགས་སར་གཙོ་བོ་ཞིག་ཆགས་ཀྱི་ཡོད་རེད། འོན་ཀྱང་། ཁྱེད་ཚོས་དེར་ཤེས་ཡོན་སྡེ་ཚན་གྱི་ངོ་བོ་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་ལ། ད་དུང་ནཱ་ལེན་དྲའི་རིག་གནས་ཞེས་བརྗོད་པ་ལས་Sanskrit འམ་ལེགས་སྦྱར་གྱི་རིག་གནས་ཞེས་འབོད་ཆོག་གི་རེད་ཅེས་བཀའ་སློབ་སྟོན་གནང་ཡོད་པ་རེད གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གྷོ་ཝ་གཙུགས་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་སློབ་དཔོན་Varun Sahni མཆོག་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་དགེ་རྩའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Rajiv Mehrotra མཆོག གཙུག་ལག་ཁང་དེ་ཉིད་ཀྱི་འབྲེལ་ཡོད་ལས་བྱེད་དང་སློབ་ཕྲུག དེ་བཞིན་ཕྱི་ནང་གི་སྐུ་མགྲོན་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བའི་ལྷན་འཛོམས་སར། གཙུག་ལག་སློབ་ཆེན་དེ་ཉིད་ཀྱིས་དེང་རབས་ཀྱི་རོལ་ཆ་དང་གླུ་གཞས་སྒྱུ་རྩལ་གྱི་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་ཆབས་ཅིག་གཟིགས་འབུལ་ཞུས་ཡོད་པ་དང་། ་ཡང་ཉིན་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གྷོ་ཝ་གཙུག་ལག་སློབ་ཆེན་དུ་དཔལ་ནཱ་ལེན་དྲའི་ཞིབ་འཇུག་ལྟེ་ཁང་ཞེས་པ་ཞིག་གསར་དུ་དབུ་འབྱེད་མཛད་་རྒྱུ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎