བྱང་ཆུབ་ཀྱི་སེམས་ནི་བདེ་སྐྱིད་ཡོང་བའི་གཞི་རྩ་ཡིན།
2023.09.07

ད་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་གཙོ་བོར་འགྱུར་པའི་དད་ལྡན་མང་ཚོགས་ལ་དབུ་མ་འཇུག་པ་རང་འགྲེལ་གྱི་ལྗགས་ལུང་དང་གསུང་ཆོས་གནང་སྐབས། བྱང་ཆུབ་ཀྱི་སེམས་ནི་བདེ་སྐྱིད་ཡོང་བའི་གཞི་རྩ་ཡིན་པ་སོགས་གནས་ལུགས་ངོ་སྤྲོད་གནང་པའི་ཐོག་ནས་བཀའ་སློབ་གནང་པ་ཁག་ཞིབ་ཕྲ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག